• ༄༅། །བོད་པ་ཡིན་ན་བོད་པ་ཡིན་པའི་ངོ་བོ་ཞིག་དགོས། Community Interview
    Apr 1 2026
    བོད་ཀྱི་རིག་གཞུང་གཅེས་འཛིན་གྱི་བྱ་བཞག་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དང་ཡུན་རིང་༸སྐྱབས་མགོན་ཐམས་ཅད་མཁྱེན་པའི་གསུངས་སྒྱུར་། དེང་དུས་འཛམ་གླིང་ཕྱོགས་གང་སར་མི་རིགས་སྣ་ཚོགས་ཀྱི་རྒན་གཞོན་བྱིས་གསུམ་ཀུན་ལ་བློ་སྐྱེད་བསྐྲུན་པའི་ཆ་ལ་འགྲན་ཟླ་བྲལ་བའི་དགེ་བཤེས་ལྷག་རྡོར་ལགས་ཨོ་སི་ཊེ་ལི་ཡར་མཛད་འཕྲིན་སྐྱོང་བཞིན་པའི་གོ་སྐབས་དང་བསྟུན་ནས་སྤྱི་སྒེར་ཡོང་ལ་སྨན་པའི་ལམ་སྟོན་འགའ་བཅའ་འདྲི་ཞུས་པ།
    Show more Show less
    17 mins
  • How to buy Indigenous art and craft ethically in Australia - ༄༅།།ཨོ་སི་ཊེ་ལི་ཡའི་ནང་དུ་གདོད་རིགས་མི་མང་གི་སྒྱུ་རྩལ་དང་ལག་ཤེས་བཟོ་རྩལ་གྱི་དངོས་རིགས་ཚུལ་མཐུན་ངང་ཉོ་ཚུལ། Australia Explained
    Apr 1 2026
    Buying Aboriginal and Torres Strait Islander art can be meaningful, but how do you know if it's real and ethical? Fake art is still a problem in Australia, and protections are still developing. This guide helps you understand what to look for, what questions to ask, and where to buy safely. By choosing carefully, you can support First Nations artists and their communities. - གདོད་རིགས་མི་མང་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་མི་རིགས་ཀྱི་སྒྱུ་རྩལ་དངོས་རིགས་ཉོ་བ་ནི་དོན་སྙིང་ལྡན་པ་ཞིག་ཡིན། འོན་ཀྱང་ང་ཚོས་དངོས་རིགས་དེ་དག་ཚུལ་མཐུན་ངང་ཉོ་རྒྱུ་དང་རྫུན་མ་ཡིན་མིན་ཇི་ལྟར་ཤེས་དགོས་སམ། ཨོ་སི་ཊེ་ལི་ཡར་ད་དུང་སྒྱུ་རྩལ་དངོས་རིགས་རྫུན་མའི་དཀའ་ངལ་ཡོད་པ་དེ་དག་ལས་སྲུང་སྐྱོབ་བྱེད་ཕྱོགས་ལ་ཡར་རྒྱས་འགྲོ་བཞིན་ཡོད། འདིར་ཡོད་པའི་ལམ་སྟོན་གྱིས་ཁྱེད་ལ་དངོས་པོ་གང་འདྲ་ཞིག་འཚོལ་དགོས་པ་དང་། དྲི་བ་གང་དག་འདྲི་དགོས་པ། ཉོ་ཚོང་བདེ་འཇགས་ཡོང་སའི་ས་ཆ་གང་དག་ཡོད་པ་བཅས་ཤེས་རྟོགས་ཡོང་བར་རོགས་རམ་བྱེད་ཀྱི་ཡོད། ཁྱེད་རང་གི་དོ་ནན་གྱིས་གདོད་རིགས་མི་མང་གི་སྒྱུ་རྩལ་དངོས་རིགས་འདེམས་སྒྲུག་བྱས་ན་ཁོང་ཚོའི་སྒྱུ་རྩལ་པ་དང་སྤྱི་ཚོགས་ལ་རྒྱབ་སྐྱོར་བྱེད་ཐུབ།
    Show more Show less
    6 mins
  • Bonus Practice: #107 Protecting Wildlife | Talking About Animals and Nature (Med) - ཨིན་སྐད་སྦྱོང་བརྡར་འཕར་མ། ༡༠༧། སྲོག་ཆགས་དང་རང་བྱུང་ཁམས་སྐོར་ལ་གླེང་མོལ་བྱེད་པ།། ༼གནས་ཚད་བར་མ།༽ Learn English
    Apr 1 2026
    Practise speaking the dialogue from episode Bonus Practice: #107 Protecting Wildlife | Talking About Animals and Nature. - ཨིན་སྐད་སྦྱོང་བརྡར་ཨང་། ༡༠༧། སྲོག་ཆགས་དང་རང་བྱུང་ཁམས་སྐོར་ལ་གླེང་མོལ་བྱེད་པའི་སྐོར་གྱི་གླེང་མོལ་རྣམས་སྦྱོང་བརྡར་བྱོས།
    Show more Show less
    4 mins
  • #107 Protecting Wildlife | Talking About Animals and Nature (Med) - ཨིན་སྐད་སྦྱོང་བརྡར་ཨང་། ༡༠༧། སྲོག་ཆགས་དང་རང་བྱུང་ཁམས་སྐོར་ལ་གླེང་མོལ་བྱེད་པ།། ༼གནས་ཚད་བར་མ།༽ Learn English
    Apr 1 2026
    Learn useful English for talking about animals, nature, and protecting wildlife. Practise everyday phrases for discussing threats to animals, expressing concern, and describing the environment. - སྲོག་ཆགས་དང་། རང་བྱུང་ཁམས། དེ་བཞིན་རི་སྐྱེས་སྲོག་ཆགས་སྐོར་ལ་གླེང་མོལ་བྱེད་སྐབས་བེད་སྤྱོད་ཆེ་བའི་ཨིན་སྐད་སྦྱོངས། རྒྱུན་གཏན་རང་བྱུང་ཁོར་ཡུག་སྐོར་ལ་འགྲེལ་བཤད་རྒྱག་ཚུལ། སྲོག་ཆགས་ལ་འཕྲད་བཞིན་པའི་ཉེན་ཁ་དང་། དེའི་ཐད་སེམས་འཚབ་བྱེད་པ་བཅས་ཀྱི་སྐོར་བགྲོ་གླེང་བྱེད་རྒྱུའི་ཚིག་སྦྱོར་སྦྱོངས།
    Show more Show less
    10 mins
  • Have you considered a career in translating and interpreting? - ༄༅། །ཨོ་སི་ཊེ་ལི་ཡའི་ནང་ཡིག་སྒྱུར་དང་སྐད་སྒྱུར་གྱི་ལས་རིགས་གཉེར་ཚུལ། Australia Explained
    Mar 25 2026
    Have you ever considered using your bilingual skills to assist others? A career in translating and interpreting might be for you. In Australia you can train for a TAFE certificate all the way to Master’s degree prior to getting certified. In this episode we help you navigate the pathway to becoming a qualified practitioner. - ཁྱེེད་ཀྱིས་སྐད་ཡིག་གཉིས་ཤེས་པའི་ཡོན་ཏན་དེ་གཞན་ལ་རོགས་རམ་བྱེད་རྒྱུའི་དོན་དུ་བེད་སྤྱོད་གཏོང་རྒྱུར་བསམ་གཞིགས་བྱེད་མྱོང་ངམ། གཅིག་བྱས་ན་སྐད་སྒྱུར་རམ་ཡིག་སྒྱུར་གྱི་ལས་ཀ་དེ་ཁྱེད་ལ་འཚམ་པོ་ཡོད་སྲིད། ཨོ་སེ་ཊེ་ལི་ཡར་སྒྱུར་གྱི་ཐོག་ཁྱེད་ཀྱིས་ཊེཧྥ་ (TAFE) ལག་འཁྱེར་ནས་མཐོ་རིམ་གཙུག་ལག་རམ་འབྱམས་ཀྱི་ཤེས་ཚད་བར་སྦྱོང་བརྡར་བྱེད་ཐུབ་ཅིང་། དེ་ནས་ཆེད་ལས་པར་ངོས་འཛིན་ཐོབ་རྗེས་ལས་ཀ་འགོ་འཛུགས་ཐུབ། ལེ་ཚན་འདིའི་ནང་ཁྱེད་རང་སྒྱུར་གྱི་ཆེད་ལས་པ་ཞིག་ཏུ་འགྱུར་བའི་ཕྱོགས་ལ་ལམ་སྟོན་བྱ་རྒྱུ་ཡིན།
    Show more Show less
    10 mins
  • ༄༅། །ཨོ་སི་ཊེ་ལི་ཡ་རྒྱལ་ཁབ་ལ་ལེགས་བཅོས་ཀྱི་ཁ་ལོ་འགྱུར་མཁན་རིག་གཞུང་གི་དཔའ་མོ་རོ་ཌ་རོ་བྷ་ཊི་ཨེ་ཨོ། NACA Feature
    Mar 25 2026
    ས་ཕྱོགས་གང་སར་དགུང་ལོ་ ༦༦ ལ་སོན་པའི་ཨེ་སི་བྷི་ཨེ་སི་གདོད་རིགས་སློབ་སྟོན་པ་ཝི་ཇ་བུལ་ཝི་ཡ་བྷལ་གྱི་བུད་མེད་རོ་ཌ་རོ་བྷ་ཊི་སྐུ་གཤེགས་པའི་གནས་ཚུལ་ཐོན་པར་མྱ་ངན་ཞུ་བཞིན་ཡོད། དེ་ཡང་ཟླ་བ་ ༣ ཚེས་ ༢༡ རེ་གཟའ་སྤེན་པའི་ཉིན་གུང་རོ་ཌ་རོ་བྷ་ཊི་ལགས་དུས་ཐུང་ངུ་ཞིག་རིང་ཧ་ཅང་དཀོན་གྲས་སུ་གྱུར་བའི་མངལ་སྐྲན་གྱིས་མནར་ནས་རང་ཡུལ་དུ་ཁྱིམ་མིས་སྐོར་བཞིན་སྐུ་གཤེགས་ཡོད། ཁོང་ནི་གཟེངས་བསྟོད་སྣ་མང་གིས་བརྒྱན་པའི་རྩོམ་པ་པོ་དང་འཁྲབ་སྟོན་པ། དེ་བཞིན་འཁྲབ་ཁྲིད་པ་ཞིག་ཡིན་ཞིང༌། ཕྱི་ལོ་ ༢༠༡༦ ལོར་ཁོང་གི་སྒྱུ་རྩལ་འཁྲབ་སྟོན་གྱི་ཕྱི་ནང་ཡོངས་ལ་མཛད་རྗེས་དང་ཤུགས་རྐྱེན་ལ་ཨོ་སི་ཊེ་ལི་ཡའི་གཟེངས་རྟགས་ཕུལ་ཡོད། རོ་ཌ་རོ་བྷ་ཊི་ཡི་ནང་མི་ལྷན་རྒྱས་ནས་ཨེ་སི་བྷི་ཨེ་སི་གསར་ཁང་ལ་ཁོང་གི་མི་ཚེ་དང་རྒྱུན་གནས་ཀྱི་ཤུལ་བཞག་ལ་ཆེ་མཐོང་དང་དྲན་གསོ་ཞུ་ཆེད་དུ་འདྲ་པར་དང་སྒྲ་སོགས་བརྒྱུད་གཏོང་བྱེད་ཆོག་པའི་ཆོག་མཆན་གནང་ཡོད།
    Show more Show less
    9 mins
  • ༄༅། །ཕྱི་སྲིད་བློན་ཆེན་པེ་ནི་ཝོང་གིས་ཨ་རིའི་མཱར་ཀོ་རུ་བྷི་ཡོ་དང་ལྷན་དུ་ཨི་རན་གྱི་དམག་འཁྲུག་མུ་མཐུད་ཆེ་རུ་འགྲོ་བར་བར་གཅོད་དགོས་པའི་རེ་སྐུལ་གནང་ཡོད། News
    Mar 25 2026
    ཝང་གིས་ཁོང་དང་ཨ་རིའི་རྒྱལ་དོན་དྲུང་ཆེ་གཉིས་ཀྱིས་ཨི་རན་གྱིས་ཧོར་མུ་ཛུ་མཚོ་འགག་གཏའ་མར་ཉར་རྒྱུ་ལས། འགོག་ཐབས་བྱེད་པ་ལ་རྒྱལ་སྤྱིའི་འབད་བརྩོན་ནི་མི་རུང་བ་ཡིན་པར་མོས་མཐུན་བྱས་ཡོད་ཅེས་གསུངས་ཡོད།
    Show more Show less
    5 mins
  • ཡིད་སྐྱོའི་དམག་འཁྲུག་གི་གསར་འགྱུར་བརྒྱུད་རིམ་ཁྲོད་ང་ཚོའི་སེམས་ཁམས་བདེ་ཐང་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་སམ། NACA Feature
    Mar 18 2026
    སྤྱི་ཚོགས་བརྒྱུད་ལམ་ནས་གནས་ཚུལ་རྣམས་མགྱོགས་མྱུར་མཐོང་ཐོས་ཡོང་ཐུབ་པ་དེས་དངོས་སུ་དམག་འཁྲུག་གི་ཤུགས་རྐྱེན་ཇེ་ཆེར་གཏོང་གི་ཡོད། ཞིབ་འཇུག་ཞིག་གི་གྲུབ་འབྲས་སུ་མི་རྣམས་འཛམ་གླིང་ཡོངས་སུ་གསར་འགྱུར་དང་དེའི་སེམས་ཚོར་གྱི་གནོན་ཤུགས་ལ་གཡོལ་བཞིན་པ་བསྟན་ཡོད། དེས་ན། གསར་འགྱུར་བརྒྱུད་ལམ་གྱིས་མི་མང་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་ཀྱིན་ཡོད་དམ། མི་རྣམས་ཀྱིས་སེམས་ཁམས་ལ་དོ་ཕོག་མེད་པའི་ཐོག་གནས་ཚུལ་གསར་པ་ཁག་དུས་ཐོག་ཤེས་ཐུབ་ཐབས་ཡོད་དམ།
    Show more Show less
    14 mins